ཇོ་མོ་གླང་མ།
ཚིག་གདངས། བསྟན་འཛིན་སྤེན་ནོར།
ལེན་མཁན། ཀུན་དགའ།
རི་མཐོན་པོ་ཇོ་མོ་གླང་མ།
ངའི་བརྩེ་བའི་གངས་ལྗོངས།
ས་སྐྱིད་པོ་བོད་ཀྱི་ལུང་པ།
ངའི་གཅེས་པའི་ཕ་ཡུལ་ཞིང་ཁམས།
ངས་ཁྱེད་ལ་དགའ་བའི་གླུ་དབྱངས་ལེན།
ངས་ཁྱེད་ལ་སྐྱིད་པའི་སྨོན་འདུན་ཞུ།
རི་མཐོན་པོ་ཇོ་མོ་གླང་མ།
ངས་བཅོལ་སའི་སྐྱབས་གནས།
བཅོལ་སའི་སྐྱབས་གནས་ལྷ་རི།
ས་སྐྱིད་པོ་བོད་ཀྱི་ལུང་པ།
ངས་གསོལ་སའི་ཕ་མེས་བརྟན་ས།
ངས་ཁྱེད་ལ་དགའ་བའི་གླུ་དབྱངས་ལེན།
ངས་ཁྱེད་ལ་སྐྱིད་པའི་སྨོན་འདུན་ཞུ།
© 藏族歌手“根呷部落”
合作微信:zangge2013